བདེ་འཇགས་ཚད་མཐོ་ཡོད་པའི་དྲྭ་རྒྱའི་གླེང་སྟེགས་འདི་བརྒྱུད། བོད་མི་ཚོས་རང་ཉིད་རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་སོང་བའི་མྱོང་ཚོར་དངོས་འགྲེལ་བརྗོད་བྱེད་ཐུབ་པ་དང་། བོད་མི་སྒེར་པ་ཚོས་ཀྱང་བཅའ་སྡོད་སློབ་གྲྭ་དང་འབྲེལ་བའི་གནས་ཚུལ་ནང་འཇུག་བྱེད་ཐུབ།
དྲྭ་རྒྱའི་གླེང་སྟེགས་འདི་དང་། བོད་དོན་ལས་འགུལ་ལྟེ་གནས་ཁང་ཟུང་འབྲེལ་གྱིས་རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་འོག་བོད་ཕྲུག་རྣམས་རང་ཁྱིམ་ནས་ཁ་བྲལ་དུ་བཏང་བ་དང་། འཛམ་གླིང་སྤྱི་དང་འབྲེལ་མེད་བཟོས་པའི་བརྗོད་གཞིའི་ཐོག་གལ་གནད་ཆེ་བའི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད།
དྲྭ་རྒྱའི་གླེང་སྟེགས་ཀྱི་ས་ཁྲ་དང་། དྲྭ་ཐོག་འགེངས་ཤོག་ནས་བོད་མི་ཚོས་རང་ཉིད་བཅའ་སྡོད་སློབ་གྲྭར་སོང་བའི་མྱོང་ཚོར་དང་། དེ་སྔོན་སྤེལ་ཟིན་པའི་གནས་ཚུལ་གང་རག་པ་དེ་དག་ལ་བོད་དོན་ལས་འགུལ་ལྟེ་གནས་ཁང་ནས་བོད་དུ་བཅའ་སྡོད་སློབ་གྲྭའི་སྐོར་དཔྱད་ཞིབ་དང་། གནས་ཚུལ་བསྡུ་རུབ་བྱེད་ཆེད་ཁོ་ནར་བེད་སྤྱོད་གཏོང་བཞིན་ཡོད། གནས་ཚུལ་གཏོང་མཁན་དང་འབྱུང་ཁུངས་གང་ཡིན་ང་ཚོས་ནམ་ཡང་ཕྱིར་བསྒྲགས་བྱེད་ཀྱི་མེད་མོད།
བོད་མི་སྒེར་པ་ཚོས་རང་ཉིད་ཀྱི་མིང་ཐོག་ནས་བཅའ་སྡོད་སློབ་གྲྭར་སོང་བའི་མྱོང་ཚོར་དྲྭ་ཐོག་ཏུ་འཇོག་པའི་དཀའ་ཁག་མེད་ཚེ། གཤམ་གྱི་དྲྭ་ཚིག་ཁ་བྱང་ info(at)tibetaction(dot)net.འདིའི་ཐོག་གནས་ཚུལ་ནང་འཇུག་བྱེད་རོགས། ཐུགས་རྗེ་ཆེ།